品名:噶陀传承密典食子香
规格:60粒/盒
请购食子香在家烟供同样计入百万烟供大共修,可以在留言处备注阳上人祈福名单(例如:祈福:张三、李四),及亡人超度名单(例如:亡人:某某、某某某)。
གསུར་མཆོད་སྦྱོར་རྫས། དཀར་ཕྱེ་གཙང་མ་མར་དཀར་གྱི་ཁུ་བས་སྦག་པ་སྣུམ་བག་ཅན་གྱི་ཁྲོད་ ཤིང་ཏོག་རིགས་དང་བཟང་པོ་དྲུག སྨན་སྣའི་རིགས། དཀར་གསུམ་དང་མངར་གསུམ་སོགས་ཟས་སྣ་རིགས་བཅས་རྫས་སུམ་ཅུ་ཙམ་ཡོད། རྒྱལ་བ་ཀཿཐོག་པའི་སྔོན་བྱོན་གོང་མ་རྣམས་གྱིས་རིལ་བུ་དང་ན་བཟའ་རིགས། སྨོན་ལམ་ཆེན་པོ་རིལ་བུ་དང་རྟེན་འདུས་རིལ་བུ། ཀཿཐོག་བཤད་སྒྲུབ་ནོར་བུ་ལྷུན་པོའི་རིལ་བུ། ཀཿཐོག་སྟོང་གྲྭ་དང་ཁྲི་གྲྭའི་རིལ་བུ་རྣམས་ཚད་ལྡན་ཡོད་པ་དང་། གསེར་ཐང་བླ་རུང་སྒར་གྱིས་རྫས་རིགས་ཚད་ལྡན་དང་དཔལ་ཡ་ཆེན་གྱི་དམ་རྫས་མྱོང་གྲོལ་རིལ་བུ་་དང་དམ་རྫས་སོགས་ཚད་ལྡན་བདུད་རྩིའི་ཕྱེ་མ་སོགས་ཀྱང་བཏབས་ནས་ཡོད། ཕན་ནུས། འདི་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པས་བར་ཆད་ཞི་བའི་ཐབས་ཁྱད་པར་ཅན་ཡིན་པས་སུས་ཀྱང་ཉམས་སུ་བླང་བར་བྱ་ལ། ལྷག་པར་དུས་ངན་གྱི་སེམས་ཅན་རྣམས་བརྣབས་སེམས་དང་དུས་ངན་ནད་ངན་བརྐམ་ཆགས་འཕེལ་བའི་སྐབས་སུ་ཟ་འདྲེ་འགོང་པོ་མང་ཞིང་རྨི་ལམ་ངན་པའི་སྐབས་དང། གཅན་སྤྱང་བྱི་བ་སོགས་ཀྱིས་གནོད་པ་དང་གདོན་བགེགས་སོགས་གནོན་པར་ཞུབ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་ཆད་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། སྐྱེ་རྒུ་འདི་དག་སྦྱིན་པས་གྲོལ་གྱུར་ཅིག །